དེ་རིང་སྟེ་ཕྱི་ཟླ་གསུམ་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཞེ་ལྔའི་ཐོག ཤར་ལྷོ་བསུ་དཔལ་གྲོང་བརྡལ་ནས་འགྲུལ་སྐྱེལ་རླངས་འཁོར་ནང་ལམ་དུ་ཆས། དུས་ཚོད་བཅུ་གཉིས་ཐོག་ཨ་རིའི་རྒྱལ་ས་ཝ་ཤིང་དྲུང་གྲོང་ཁྱེར་དུ་འབྱོར་བསྟུན། གྲོགས་པོ་སྟག་ལྷ་རྒྱལ་གྱི་རླངས་འཁོར་ནང་བསྡད་ནས་ཉི་འོག་གྲོང་ཁྱེར་དུ་ཤར་བསྐྱོད་བྱས། ངེད་གཉིས་དེར་འགྲོ་དོན་འདི་ལོའི་བོད་ཀྱི་ལོ་སར་ཉིན་ནས་བཟུང་། བོད་ཀྱི་གཞོན་ནུ་ཚོགས་པའི་བཀོད་སྒྲིག་འོག་སྐྱབས་མགོན་ཤིང་བཟའ་མཆོག་སྤྲུལ་རིན་པོ་ཆེ་དང་། སྐུ་ཞབས་རྡོ་རྗེ་རྒྱལ་པོ། སྐུ་ཞབས་ཡེ་ཤེས་བསྟན་འཛིན་ལགས་གསུམ་གྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ། དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་ནས་ཟླ་གཅིག་ཧྲིལ་པོ་འགོར་བའི་ཉིན་མོ་རེད། མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། March 23rd, 2012 ལ།
ཉིན་ཐོ། |
ཨང་། མཆན། →
དེ་རིང་ཞོགས་པའི་དུས་ཚོད་དགུ་བའི་ཐོག ཨ་ཁུ་བསྟན་འཛིན་ནམ་མཁའ་དང་། པདྨ་རིག་འཛིན། ངེད་གསུམ། ཉི་འོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ། ཟས་བཅད་ངོ་རྒོལ་གནང་བཞིན་པའི་སྐྱབས་མགོན་ཤིང་བཟའ་རིན་པོ་ཆེ་སོགས་ལ་ཡང་བསྐྱར་མཇལ་དུ་ཕྱིན། དེ་རིང་ནི་ཁོང་རྣམ་པའི་ཟས་བཅད་ངོ་རྒོལ་གནང་ནས་ཉིན་དགུ་བ་ཡིན། གནམ་གཤིས་ནི་ཁ་སང་བཞིན་ལྷགས་རླུང་ཁྲོད་ཁ་ཆར་འདྲིས་མ་གྲང་ཤུར་ཤུར་འབབ་བཞིན་འདུག་ལ། ཁོང་རྣམ་པ་གསུམ་གྱིས་གྲང་ངར་དང་ལྟོག་སྐོམ་ལ་གདོང་ལེན་གནང་སྟེ་མུ་མཐུད་དུ་ཟས་བཅད་གནང་ནས་བཞུགས་འདུག མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། March 1st, 2012 ལ།
ཉིན་ཐོ། |
1 མཆན། →

དེ་རིང་སྟེ་ཕྱི་ཟླ་གསུམ་པའི་ཚེས་གཅིག་ཉིན། བྱང་ཕྱོགས་བསྟན་འགྲོ་ཡོངས་ཀྱི་མགོན་སྐྱབས། ཇོ་ནང་བསྟན་པའི་མངའ་བདག་སྐྱབས་མགོན་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་བ་རྗེ་བཙུན་བློ་བཟང་འཇམ་དཔལ་རྣམ་གྲོལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མ
ཆོག སོག་པའི་རྒྱལ་ས་ཨོ་ལུམ་བྷ་ཐིར་དུ་ཡོད་པའི་དགའ་ལྡན་དགོན་པར་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་འདུག མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། March 1st, 2012 ལ།
ཉིན་ཐོ། |
ཨང་། མཆན། →
ཉེ་ཆར་ཨ་རིའི་ཉི་འོག་(New York)གྲོང་ཁྱེར་དུ་ཡོད་པའི་ཁོ་ལིམ་བྷིས་ཡ་(Columbia University)གཙུག་ལག་སློབ་གྲྭ་ཆེན་མོར། ཀུན་ཕན་ཐེབས་རྩ་ཚོགས་པ་དང་། ཞང་ཞུང་སློབ་གཉེར་ཁང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་སོགས་ཀྱིས་བཀོད་སྒྲིག་འོག རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཐེངས་གསུམ་པར་མགྲོན་འབོད་གནང་བ་ལྟར་མཉམ་ཞུགས་བྱས། ཚོགས་ཆེན་འདི་ཕྱི་ཟླ་ ༡༢ ཚེས་ ༩ ནས་ ༡༤ འཚོགས་པ་རེད། མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། December 23rd, 2011 ལ།
ཉིན་ཐོ། |
13 མཆན། →
ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢ ཉིན། ཆོས་གྲོགས་རྒན་ཟླ་བ་འམ་མིག་དམར་རྡོ་རྗེ་ལགས་ཀྱིས་ཚེ་དབང་སོགས་ཞབས་བརྟན་འགའ་རེ་བསྒྲུབ་ཆེད་མགྲོན་འབོད་གནང་བ་བཞིན། ཞོགས་པའི་དུས་ཚོད་ ༧ དང་། ༣༠ ཤར་ལྷོ་བསུ་དཔལ་གྲོང་བརྡལ་གྱི་གནམ་ཐང་དུ་བསྐྱོད། ངའི་འགྲུལ་འཕུར་གནམ་གྲུ་དང་པོ་ཤར་ལྷོ་བསུ་དཔལ་ནས་ཨ་རིའི་རྒྱལ་ས་ཝ་ཤིང་དྲུང་ Washington DC དུ་ཞོགས་པའི་ཆུ་ཚོད་ ༡༠ ༣༠ ཐོག་འཕུར་རྒྱུ་ཡིན་མོད། དུས་ཚོད་གཅིག་གིས་ཕྱིར་འགྱང་བྱས་པས་ཝ་ཤིང་དྲུང་གྲོང་ཁྱེར་དུ་ཆུ་ཚོད་ ༡༢ ༤༥ ཙམ་ལ་འབྱོར། མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། December 7th, 2011 ལ།
ཉིན་ཐོ། |
1 མཆན། →
ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན། ཨ་རིའི་རྒྱལ་ས་ཝ་ཤིང་དྲུང་དུ་ཡོད་པའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གི་ཇོ་མོ་གླང་མའི་ཉིན་སྲིབ་ཅེས་པའི་ལེའུ་ཚན་གྱི་མདོ་འཛིན་པ། སྟག་ལྷ་རྒྱལ་དང་མཉམ་དུ་གནད་དོན་ཆེན་པོ་ཞིག་གི་ཐོག བགྲོ་གླེང་ཐུང་ཐུང་ཞིག་བྱས་ཡོད་པས་གསན་འདོད་ཡོད་མཁན་ཚོ་གཤམ་གྱི་དྲ་ཐག་ཐོག་ཕེབས་རོགས་ཞུ།
གུར་ཀུམ་གྱིས། October 28th, 2011 ལ།
ཉིན་ཐོ། |
ཨང་། མཆན། →
ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན། བཙན་བྱོལ་བོད་གཞུང་བཀའ་སྤྱི་གཉིས་ཀྱི་ལམ་སྟོན་དང་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མིའི་ཞི་བའི་ལས་འགུལ་ལྟར། ཨ་རིའི་བུ་རྒྱས་གནས་མངའ་སྡེ་ཤར་ལྷོ་བསུ་དཔལ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ས་གནས་བོད་མི་རྣམས་ཨ་རིའི་རྒྱལ་ས་ཝ་ཤིང་དྲུང་གྲོང་ཁྱེར་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ཏེ། སྔ་དྲོའི་དུས་ཚོད་བཅུ་ནས་ཕྱི་དྲོའི་དུས་ཚོད་གསུམ་པ་བར་བོད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད། རྒྱུན་ཆགས་གསུམ་པ་དང་། ༧རྒྱལ་བའི་ཞབས་བརྟན་གསོལ་འདེབས། བཟང་སྤྱོད་སྨོན་ལམ་སོགས་གཞུང་གི་བཀོད་ཁྱབ་བཞིན་ཚིག་དོན་ཡིད་ལ་དྲན་བཞིན་ཅི་འགྲུབ་བཟླས་ཤིང་། བར་སྐབས་རྣམས་སུ་གཞུང་གིས་གཏན་འབེབས་གནང་བའི་འབོད་ཚིག་ཁག་སྒྲོག་བཞིན་ངོ་རྒོལ་སྐད་འབོད་ཀྱང་ཡིད་ཙམ་པ་ཞིག་བྱས། སྟབས་ལེགས་པ་ཞིག་ལ། དེ་རིང་རྒྱ་ནག་ནས་ཡོང་པའི་འཚམ་སྐོར་བ་ཁག་གཅིག་རྒྱ་ནག་གཞུང་ཚབ་ཁང་དུ་ཐོན་པ་དང་སྟབས་འགྲིགས་པས། ཁོང་ཚོ་རྒྱ་ནག་གཞུང་ཚབ་ཁང་གི་ནང་དུ་འཛུལ་དུས་དང་། ཕྱིར་ཐོན་སྐབས་གཉིས་སུ་བོད་མི་རྣམས་ཀྱིས། ངོ་རྒོལ་སྐད་འབོད་གནམ་ས་འགུལ་བ་ལྟ་བུ་ཞིག་བྱེད་རྒྱུའི་གོ་སྐབས་བྱུང་། མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། October 20th, 2011 ལ།
ཉིན་ཐོ། |
ཨང་། མཆན། →
མདང་ནུབ་ཀྱི་གསལ་ལ་མི་གསལ་བའི་རྨི་ལམ་དམར་པོ་དེས་རྐྱེན་བྱས། དེ་རིང་སྔ་དྲོ་ནས་བཟུང་ཉིན་གང་བོར་མཆོད་མེ་འམ། བོད་རང་བཙན་གྱི་མེ་ལྕེ་ཟེར་བའི་བོད་ཡིག་དྲ་དེབ་ཞིག་གསར་དུ་བཟོ་ཁུལ་བྱས། དྲ་དེབ་དེ་ནི་འཇིག་རྟེན་ན་གཅེས་པ་ཚེ་སྲོག་གི་སྡོང་བུ་བོད་རང་བཙན་གྱི་ཆེད་དུ་མཆོད་མེར་སྒྲོན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་དང་། ཁོང་རྣམ་པའི་རླབས་ཆེན་མཛད་རྗེས་ཀྱི་རི་མོ་འབུར་དུ་བསྐོས་པའི་དཔའ་བོའི་ལོ་རྒྱུས་ཀྱི་རྗེས་དྲན་རྡོ་རིང་ཆུང་ཆུང་ཞིག་གི་ཚུལ་དུ་བཞེངས་པའི་ཁུལ་ཡིན། འབྲེལ་ཐག་འདི་ཡིན། http://www.chodme.blogspot.com/ མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། October 17th, 2011 ལ།
ཉིན་ཐོ། |
1 མཆན། →
༧གོང་ས་མཆོག་གིས་ཡང་སྲིད་སྐོར་བསྩལ་བའི་བཀའ་ཡིག་ནང་སྐུ་སྒེར་ཡིག་ཚང་ནས་ཡིག་ནོར་ཤོར་བར་བསམ་ཚུལ་ཞུས་པར་ངོས་འཛིན་གནང་བའི་བརྒྱུད་རིམ།
ངས་སྐུ་སྒེར་ཡིག་ཚང་ལ་ཕུལ་བའི་གློག་འཕྲིན་དང་པོ།
༄༅།།
མཚུངས་མེད་སྐུ་སྒེར་དྲུང་ཆེ་བྲེ་སྲང་ལགས་ཀྱི་དྲུང་དུ།
གུས་པས་ཞུ་གསོལ།
ངའི་མིང་ལ་དབང་རྡོ་རྗེ་ཟེར་ཞིང་ཇོ་ནང་ཆོས་བརྒྱུད་ཀྱི་མཁན་མིང་འཛིན་པ་ཞིག་ཡིན། ད་ལྟ་ཨ་རིར་ཡོད། གུས་པས་ད་ལྟ་རང་༧གོང་ས་མཆོག་གི་བཀའ་ཡིག
༼༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌།
བོད་དང་བོད་མིར་འབྲེལ་ཆགས་ཀྱི་སྐྱེ་འགྲོ་ཡོངས་ལ་སྩལ་བའི་གལ་ཆེའི་བཀའ་ཡིག༽
ཞེས་པ་དེ་བཀླགས་པ་ཡིན། ངས་ནོར་བ་མིན་ན་འདིའི་ནང་དུ་ཡིག་ནོར་རམ། ཡང་ན་དོན་ཀྱང་ནོར་པའི་ནོར་འཁྲུལ་ཆེན་པོ་ཞིག་འདུག རྒྱུ་མཚན་བཀའ་ཡིག་ཏུ། ༼གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། September 28th, 2011 ལ།
ཉིན་ཐོ། |
ཨང་། མཆན། →
༧གོང་ས་མཆོག་གི་བཀའ་སློབ།
(དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམས་ལྷན་བཞུགས་ཀྱིས། ཉེ་ཆར་འབྲུག་དང་འབྲས་ལྗོངས་གཙོས་པའི་བལ་བོད་ཁུལ་དུ་ས་ཡོམ་ཀྱི་གནོད་འཚེའི་ཁྲོད་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་བསྔོ་སྨོན་གསུངས་ཤིང་། དེའི་རྗེས་སུ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་མགོན་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་བཅར་ཡོངས་ལ་བཀའ་སློབ་ཟབ་མོ་གནང་བའི་ནང་ནས་ཇོ་ནང་པའི་སྐོར་ཡིག་ཐོག་ཏུ་ཕབ་པ།)
ད་ལྟ་ཇོ་ནང་གི་ཆོས་བརྒྱུད་ཀྱིས། ད་ལན་ཉེ་ཆར་ང་རང་ཚོར་སྙན་ཞུ་ཞིག་ཕུལ་འདུག་ལ། ང་ལ་ཡང་ཡི་གེ་ཞིག་འདུག བྱས་ཙང་ད་ཐེངས་ཇོ་ནང་སྐོར་ཐག་གཅོད་དགོས་ཀྱི་ཡོད་ཅེས་བྲིས་འདུག ཇོ་ནང་སྐོར་ངས་ནམ་རྒྱུན་བཀའ་ཆོས་སྐབས་ལ་བཤད་བསྡད་ཀྱིན་ཡོད། དངོས་གནས་གང་བཤད་ན་མ་བཤད་ན་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ཐོག་ཕྱིན་པ་ཡིན་ན། ཇོ་ནང་གིས་ད་ལྟ་བར་དུ་བསྟན་པ་བཟུང་ནས་བསྡད་བཞག་ཡོད་པ་རེད། དེ་དངོས་གནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་རེད། ཡག་པོ་ཞེ་དྲགས་རེད། མུ་མཐུད་དུ་ཀློག་ཤིག »
གུར་ཀུམ་གྱིས། September 24th, 2011 ལ།
ཉིན་ཐོ། |
ཨང་། མཆན། →