Monthly Archive: May 2011

May 31

རི་ཁྲོད་པ་ཚོར་མཇལ་སྐོར་བྱས་པ།

Visited to Hermits

ཟླ་ ༥ ཚེས་ ༢༩ ཉིན།   སྤུན་ཤེས་རབ་འོད་ཟེར་དང་།   ཀརྨ་སྐྱབས།   ཇོ་ནང་འགྲོ་ཕན་ལྷན་འཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ།   ཁོང་གི་གྲོགས་མོ་ཆོས་སྒྲོན་བཅས་ངེད་ཅག་མི་ལྔ་བཞུགས་སྒར་རྡ་རམ་ས་ལའི་བོད་ཕྲུག་ཁྱིམ་སྡེའི་རི་ངོགས་སུ་བཞུགས་པའི་རི་ཁྲོད་པ་རྣམས་ལ་མཇལ་སྐོར་བྱེད་ཆེད་ལམ་དུ་ཆས།   ལམ་བར་དུ་བོད་ཕྲུག་ཁྱིམ་སྡེའི་བོད་ཡིག་དཔེ་མཛོད་ཁང་དུ་ལྟ་སྐོར་ཐུང་ཙམ་བྱས་ཤིང་།   ཐད་ཀར་རྐང་ཐང་གིས་རི་རྩེར་འཛེགས།   རི་ངོགས་དེར་རི་ཁྲོད་པ་གྲྭ་བཙུན་ཕོ་མོ་བཞི་བཅུ་ལྷག་བཞུགས་ཤིང་།   ཕལ་ཆེར་དགུང་ན་ལྔ་བཅུ་ནས་བདུན་ཅུ་བརྒལ་བ་རྐྱང་དང་།   ཆུང་ཤོས་དགུང་ན་སུམ་ཅུ་ཡས་མས་ཡང་འདུག

Continue reading »

May 28

བོད་གཞུང་མང་ཚོགས་ཆེན་གྱི་གྲུབ་འབྲས།

3-4-2011

ཕྱི་ཟླ་ལྔ་བའི་ཚེས་ ༢༥ ཐེག་ཆེན་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་ཞུགས་པ་ཡོངས་ལ་མཇལ་ཁ་དང་ལམ་སྟོན་བཀའ་སློབ་བསྩལ་བ་མ་ཟད།   གཙུག་ལག་ཁང་གི་མདུན་ཐང་དུ་ཚོགས་ཆུང་གཉིས་རེའི་ཚོགས་མི་རྣམས་དང་མཉམ་དུ་སྐུ་པར་ཀྱང་བསྒྲོན་གནང་པ་རེད། དེ་དུས་༧གོང་ས་མཆོག་གིས།   བཙན་བྱོལ་བོད་གཞུང་གི་མིང་ལ་༼གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་༽ཞེས་བཏགས་གནང་ཀྱང་།   དེ་རིང་གྲོས་ཚོགས་འཕར་མའི་ནང་༼བོད་མིའི་སྒྲིག་འཛུགས་༽ཞེས་སྤྱི་མོས་ཐོག་གཏན་འབེབས་བྱས་སོང་།   ནམ་རྒྱུན་ང་ཚོས་༧གོང་ས་མཆོག་གིས་བཀའ་གནང་ཤར་བསྒྲུབ་བྱེད་ངེས་ཞེས་ཤོད་བཞིན་ཡོད་མོད།  དེ་རིང་གི་གནས་ཚུལ་ལ་བལྟས་ན།    ༧གོང་ས་མཆོག་ལག་ཕྱི་ས་ཙམ་ལས་ཅང་མི་འདུག  ད་དུང་ཉིན་བཞིའི་རིང་བོད་གཞུང་མང་ཚོགས་ཆེན་སྐབས་བྱུང་བའི་མི་མང་གི་བསམ་ཚུལ་ཁག་ཀྱང་དེ་རིང་གྲོས་ཚོགས་འཕར་མའི་ཐོག་གླེང་སློང་ཙམ་ཡང་བྱེད་ཀྱི་མི་འདུག  དེས་ན་ཚོགས་ཆེན་འཚོགས་དགོས་དོན་མི་འདུག་ལ།   མི་མང་པོ་ཞིག་གིས་དུས་ཚོད་དང་འགྲོ་སོང་འཕང་མེད་བཏང་ནས་ཚོགས་ཞུགས་གནང་བ་དོན་མེད་ཆགས་པ་མ་རེད་དམ།

May 27

༸གོང་ས་མཆོག་གིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་གྲོས་ཚོགས་ལ་བཀའ་འཁྲོལ་སྩལ་བ།

༢༠༡༡ ཟླ་ ༥ ཚེས་ ༢༧ རེས་གཟའ་པ་སངས། ༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་མཆོག་གི་དྲུང་དུ།
ཆེད་འབུལ། ཁ་སང་ཕྱི་ཚེས་ ༢༥ ཉིན་རྣམ་པ་ལྷན་རྒྱས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་གྱི་མཚན་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་ཞུ་དང་གཉིས་གཉིས་འབུལ་གནང་མཛད་པ་དེ་དག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་ཞིབ་ཀྱིས་ཚོགས་མི་ཡོངས་ལ་ཞིབ་ཕྲའི་བཀའ་སློབ་སྩལ་ཟིན་པ་ཀུན་གྱིས་མཁྱེན་གསལ་ལྟར་༸སྙན་ཞུ་དང་པོར་དགོངས་བཞེས་མཛད་ཐབས་མ་གྱུར།
༸སྙན་ཞུ་གཉིས་པའི་ནང་གསལ་སྔོན་གླེང་དང་། དོན་ཚན་དང་པོ་གསར་འཇུག་གནང་རྒྱུར་དགག་བྱ་མ་གཟིགས་ཀྱང།

Continue reading »

May 26

བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པ་བཞུགས་སྒར་དུ་འཚོགས་པ།

DSC00593

ཚོགས་འདུ་ཉིན་བཞི་བ། ཚེས་ ༢༤ ཉིན་གྱི་ཞོགས་པའི་དུས་ཚོད་ ༩ དང་སྐར་མ་ ༢༠ ཐོག་ཚོགས་ཞུགས་པ་ཡོངས་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་འཛོམས།  ཚོགས་ཆུང་དང་པོ་ནས་བཟུང་ཚོགས་ཆུང་ཁག་གི་ཚོགས་གཙོ་རྣམ་པས་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱང་བྱས།   ཚོགས་ཆུང་དང་པོའི་སྙན་ཐོ་ལེགས་ཤོས་སུ་མཐོང་།   ང་ཚོའི་ཚོགས་ཆུང་བཞི་བའི་སྙན་ཐོ་ཚོགས་ཆུང་བཅུའི་ནང་གི་སྙན་ཐོ་ངན་ཤོས་སུ་མཐོང་།   རྒྱུ་མཚན་ཚོགས་པ་རྣམས་ཀྱི་བསམ་ཚུལ་ཁ་གསལ་འཁོད་ཐུབ་པ་མ་ཟད།   ཚིག་སྦྱོར་དང་ཡི་གེའི་དག་ཆ་སོགས་གང་ཐད་ནས་ཡིད་ཐང་ཆད་པ་ཞིག་འདུག   གང་ལྟར་སྙན་སྒྲོན་ཡོངས་སུ་གྲུབ་རྗེས་སྔོན་གླེང་ནང་གི་དོན་གནད་ཁ་ཤས་ཐོག་བགྲོ་གླེང་བྱས།   ཐོག་མར་༧གོང་ས་མཆོག་གི་མཚན་གནས་ཐད་བཀའ་ཁྲི་ཟམ་གདོང་གིས།  འཛམ་གླིང་ཞི་བདེའི་དེད་དཔོན་ལ་འཇིག་རྟེན་ཞི་བདེའི་དེད་དཔོན་དང་།   གངས་ལྗོངས་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ལ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཞེས་དགོངས་ཚུལ་བཏོན།

Continue reading »

May 26

བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པ་བཞུགས་སྒར་དུ་འཚོགས་པ།

day-1

ཚོགས་འདུ་ཉིན་གཉིས་པ། ཚོགས་འདུ་ཉིན་གཉིས་པར་སླར་ཡང་བཅའ་ཁྲིམས་སྔོན་གླེང་དང་།  དོན་ཚན་དང་པོའི་ཐོག་བགྲོ་གླེང་བྱས། འོན་ཀྱང་དེ་རིང་ང་ཚོའི་ཚོགས་ཆུང་ཁ་སང་དང་ཡེ་མི་འདྲ་བར་ཚོགས་ཞུགས་པ་ཚང་མ་ཤེས་པ་རང་མལ་དུ་མེད་པ་འདྲ་བའི་བརྟུལ་ཞུགས་བཟུང་འདུག  སྤྱིར་བཏང་བཤད་ན་མིའི་འགྲོ་བ་ནི་དུད་འགྲོ་ཁྱི་ཕག་སོགས་དང་མི་འདྲ་བར་མི་སྐད་སྨྲ་ཤེས་ཤིང་།   གཅིག་གིས་བཤད་དུས་གཞན་རྣམས་ཀྱིས་ཉན་དགོས་པ་དང་།   ལྷག་པར་བོད་མི་ཞིག་ཡིན་ཕྱིན་གཞན་གྱིས་གང་བཤད་ཀྱང་བརྗོད་དོན་ཟབ་མིན་དང་།   བརྗོད་ཚིག་སྙན་མིན་ལ་མ་ལྟོས་པར་གུས་བརྩི་བཅས་ཉན་དགོས་པ་གུས་སྲོལ་ཞིག་ཡིན་མོད།   དེ་རིང་གློ་བུར་དུ་ཡོད་ཚད་ཀྱི་རྣམ་པ་གཞན་དུ་འགྱུར་ཏེ་གཅིག་གིས་ཁ་གཅིག་གྲགས་དུས་གཞན་རྣམས་ཀྱིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར།  དགག་པ་གཏོང་རྐྱང་དང་འུར་འུར་ཟེང་ཟེང་བྱས་པས།   ཚོགས་འདུའི་གྲུབ་དོན་འདི་ཡིན་ཟེར་བ་ཞིག་ཆེར་མ་བྱུང་།

Continue reading »

May 26

བོད་གཞུང་མང་ཚོགས་ཆེན་ཐེངས་གཉིས་པ་བཞུགས་སྒར་དུ་འཚོགས་པ།

DSC00593

ཚོགས་འདུ་ཉིན་དང་པོ། ཕྱི་ཟླ་ ༥ ཚེས་ ༢༡ ཉིན་གྱི་ཞོགས་པའི་དུས་ཚོད་ ༩ དང་སྐར་མ་ ༢༠ ཐོག་ཚོགས་བཅར་བ་ཡོངས་རྡ་སྟེང་ཕྲུག་བོད་ཁྱིམ་སྡེའི་ཚོགས་ཁང་གསར་བར་ཚང་འཛོམས་བྱུང་ཞིང་།   ཚོགས་ཆེན་དབུ་འབྱེད་ཀྱི་མཛད་རིམ་གྲུབ་རྗེས།  བོད་མི་མང་སྤྱི་འཐུས་དང་།  བཀའ་ཤག་གི་གཏམ་བཤད་གནང་།   སྤྱི་འཐུས་ཀྱི་གཏམ་བཤད་དུ།   ཕོ་བྲང་ནས་བཀའ་སློབ་ལམ་སྟོན་ཕེབས་པ་ལྟར།   ཚོགས་མི་ཡོངས་ཀྱི་བསམ་འཆར་ལྷུག་པོར་གནང་རྒྱུའི་གོ་སྐབས་བསྐྲུན་ཆེན་ཚོགས་ཆེན་ཉིན་གཅིག་རིང་ཕར་འགྱངས་གནང་རྒྱུའི་མཛད་རིམ་གཏན་འབེབས་བྱས་པར།  བཀའ་ཤག་གིས་རྒྱབ་སྐྱོར་བྱས། དེ་རྗེས་ཚོགས་ཆུང་ཁག་བཅུར་བགོས་ཏེ་གངས་སྐྱིད་ཀྱི་ཚོགས་ཁང་སོ་སོར་འཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་རགས་ཟིན་གྱི་སྔོན་གླེང་དང་།   དོན་ཚན་དང་པོའི་སྐོར་ལ་བགྲོ་གླེང་བྱས།   ང་ཚོགས་ཆུང་ཁག་བཞི་བ་ཡིན་ཅིང་།   འཚོགས་ཡུལ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཆུང་ཡིན།   ང་ཚོས་ཀིརྟི་རིན་པོ་ཆེ་ཚོགས་གཙོ་དང་།  གཞན་མི་གཉིས་ཚོགས་དྲུང་དུ་མང་མོས་ཐོག་བསྐོས་ཏེ་གོང་གསལ་དོན་ཚན་གཉིས་ཀྱི་ཐོག་བགྲོ་གླེང་བྱས།   སྤྱིའི་ཆ་ནས་བཤད་ན་ཚོགས་མི་བརྒྱ་ཆའི་དགུ་བཅུ་ཙམ་གྱིས།   བཅའ་ཁྲིམས་སྔོན་གླེང་དུ་བཙན་བྱོལ་བོད་གཞུང་ལ་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་བཙན་བྱོལ་བོད་གཞུང་དང་།   ༧གོང་ས་མཆོག་ལ་བོད་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་མཚན་གནས་དོན་དང་ལྡན་པ་སྔར་བཞིན་རང་འཇགས་དགོས་ཚུལ་སོགས་ཀྱི་བསལ་ཚུལ་བཏོན།   

Continue reading »

May 19

གཞོན་ནུའི་ཟས་བཅད།

གཞོན་ནུའི་ཟས་བཅད།

དེ་རིང་སྟེ་ཕྱི་ཟླ་ ༥ ཚེས་ ༡༩  ཉིན་གྱི་སྔ་དྲོར་རྒྱ་གར་རྒྱལ་ས་རྡི་ལི་གསར་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་འགྲུབ་ལྷ་དར་སོགས་རྒྱུན་ལས་གསུམ་གྱིས་བོད་གངས་ཅན་པའི་མ་འོངས་བདེ་སྐྱིད་ཆེད།   རྒྱ་ནག་གཞུང་ལ་ཞི་བའི་ཟས་བཅད་ངོ་རྒོལ་གནང་སར་ཤར་ལྷོ་བསུ་དཔལ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚབ་ཞུས་ནས་ལྟ་སྐོར་བྱས་པ།